བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་པ་ཁྲི་གཙུག་ལྡེ་བཙུན་རལ་བ་ཅན་ནི་བཙན་པོ་ཁྲི་ ལྡེ་སྲོང་བཙན་དང་བཙུན་མོ་ཆེ་བ་འབྲོ་བཟའ་ཁྲི་མོ་ལེགས་ཀྱི་སྲས་སུ་གནས་བརྟན་ སྡེ་པའི་ལུགས་ཀྱི་འདས་ལོ་ཆིག་སྟོང་བཞི་བརྒྱ་བཅུ་པ་མེ་ཁྱི་(806)ལོར་འཁྲུངས། མཚན་ལ་ཁྲི་གཙུག་ལྡེ་བཙན་དང་།བླ་དྭགས་ཀྱི་མཚན་ལ་རལ་པ་ཅན་ཟེར།དགུང་ལོ་བཅུ་བ་ བསླེབས་པ་ཤིང་ལུག་ (875ནས་ལོ་ཉི་ཤུ་རྩ་བདུན་ནམ་རྩ་བཞིའི་བར་སྲིད་དབང་བསྐྱངས།ཡབ་མེས་གོང་མའི་ དུས་དང་མི་འདྲ་བའི་ཆོས་སྲིད་གཉིས་ཀའི་ཐོག་ནས་མཛད་རྗེས་གསར་བ་ཁག་གསུམ་ཡོད་ པར་བརྟེན་བོད་ལ་བཀའ་དྲིན་ཆེ་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་གཅིག་ ཏུ་འདྲེན་སྲོལ་ཡོད་པ་སྟེ།སྲིད་དབང་བཟུང་ནས་ལོ་བདུན་ལ་སླེབས་པ་ལྕགས་ གླ821ལོར་ཐང་བོད་ཕྱོགས་གཉིས་ཀས་མཇལ་དུམ་ཡོང་བའི་འབད་བརྩོན་ལྷོད་མེད་བྱས་པ་ བརྒྱུད་བོད་ཀྱི་ལོ་པཎ་རྣམས་དང་རྒྱའི་ཧྭ་ཤང་རྣམས་ཀྱིས་དཔང་པོ་མཛད་དེ་ཐང་ རྒྱལ་རབས་ཀྱི་གོང་མ་མུ་ཙུང་གི་ཁྲང་ཆིང་ཁྲི་ལོ་དང་པོ་དང་།བཙན་པོ་ཁྲི་རལ་པ་ ཅན་གྱི་སྐྱིད་རྟག་ཁྲི་ལོ་བདུན་པ་ལྕགས་གླང(821)ལོར་ཐང་གི་རྒྱལ་ས་ཁྲང་ཨན་གྱི་ ནུབ་ཕྱོགས་སུ་ཆིངས་འགྲིག་བྱས་ཤིང་།ལོ་དེའི་རྗེས་མར་བོད་ཀྱི་གྲོང་ཁྱེར་ལྷ་ སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་ཆིངས་འགྲིག་བྱས།ལོ་དེའི་རྗེས་མ་ཆུ་ཡོས་(823) ལོར་གཞི་ནས་རྒྱལ་ས་ཁྲང་ཨན་དང་།བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན། བོད་རྒྱ་ས་མཚམས་གྱི་གུང་རུ་རྨེ་རུ་བཅས་སུ་རྡོ་རིང་བཙུགས།(རྡོ་རིང་གཞན་གཉིས་ དེང་སང་མཐོང་རྒྱུ་མེད་ཀྱང་ལྷ་སའི་རྡོ་རིང་ནི་ད་ལྟ་ཡང་མཐོང་རྒྱུ་ཡོད)ཐོག་ གུང་རུ་རྨེ་རུ་བྱ་བའི་ས་གནས་དེ་བོད་རྒྱ་གཉིས་ཀྱི་མཚམས་བྱས་ནས་དེར་བོད་ཀྱི་ བཙན་པོའི་གཙུག་ལག་ཁང་ཞིག་དང་རྒྱའི་ལྷ་ཁང་ཞིག་ཀྱང་བརྩིགས།གནམ་ལ་ཉི་ཟླ་ཟུང་ གཅིག་་ས་ལ་བཙན་པོ་དབོན་ཞང་གཉིས་ལས་མེད་དོ་ཞེས་པའི་བརྡ་མཚོན་དུ་ཕ་བོང་ལ་ཉི་ ཟླའི་གཟུགས་བརྐོས།ཕྱིན་ཆད་བོད་བོད་ཡུལ་ན་བདེ།རྒྱ་རྒྱ་ཡུལ་ན་བདེ།ས་མཚམས་ཡན་ ཆད་ལ་ཕན་ཚུན་དམག་མི་དྲངས། གལ་ཏེ་ས་མཚམས་བརྒལ་ནས་བོད་རྒྱ་སུས་དམག་དྲངས་ན་དམག་དྲངས་མཁན་དེ་རང་ཕུང་བར་ གྱུར་ཅིག་ཅེས་ཕྱོགས་གཉིས་ཀས་དམོད་བཙུགས་ཏེ་མནའ་བསྐྱལ་བའི་བཀའ་གཙིགས་ཀྱི་ རྡོ་རིང་རེ་རེ་བོད་རྒྱ་གཉིས་ཀྱི་ཕོ་བྲང་གི་མདུན་དང་།ས་མཚམས་གུང་རུ་རྨེ་རུ་ བཅས་ལ་བཙུགས་ཏེ་ངོས་ཆེ་བ་གཉིས་ལ་དབོན་གཉིས་ཀྱི་གཙིགས་ཡིག་ངོས་ཆུང་བ་གཉིས་ལ་ བཀའ་གཙིགས་ལ་ཞུགས་པའི་བོད་རྒྱའི་བློན་པོ་རྣམས་ཀྱི་གོ་གནས་དང་མིང་རུས་བཅས་ བྲིས་པའི་རྡོ་རིང་བཙུགས་པ་ནས་ལོ་བརྒྱ་ཕྲག་ཁ ་ཤས་རིང་བོད་རྒྱ་གཉིས་ཀྱི་དམག་འཁྲུག་མེད་པའི་ཞི་བདེའི་དུས་སྐབས་བཟང་པོ་ཞིག་ གི་འགོ་ཚུགས་ཐུབ་པ་བྱུང་ཡོད།དེ་སྔོན་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་འཇལ་ གཤོར་འདེགས་གསུམ་གྱི་ཚད་གཞི་གཅིག་རུ་མ་གནས་པར་བརྟེན་ཕྱིན་ཆད་འཇལ་གཤོར་ འདེགས་གསུམ་གྱི་ཚད་གཞི་རྣམས་རྒྱ་གར་མ་གྷ་དྷའི་ལུགས་ལྟར་བྱེད་དགོས་པའི་བཀའ་ ཕབ།སྐབས་དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ནི་ཤར་ཕྱོགས་སོ་ལོན་ཧྲན་གྱི་རི་རྒྱུད་ བར་དང་།ལྷོ་ཕྱོགས་རྒྱ་གར་གྱི་ཆུ་བོ་གངྷའི་བྱང་འགྲམ་བར།ནུབ་ཕྱོགས་ཏཱ་ སིག(དབྱི་རན)གི་ས་མཚམས་སྟག་ཤ་དུང་གི་སྒོ་མོའི་བར།བྱང་ཕྱོགས་ཧོར་སོག་གི་ མཚམས་བྱེ་མ་སྒང་རིང་བར་ཡོད་དོ།།་ < < དུང་དཀར་ཚིག་མཛོད་ཆེན་མོ > > ་ལས་བདམས

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )
བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་པ་ཁྲི་གཙུག་ལྡེ་བཙུན་
དུང་དཀར་ཚིག་མཛོད།